PDF ལྟར་ཕབ་ལེན།
མཆིན་པའི་གཉན་ཚད་ཁ་པའམ་ག་པའི་བརྟག་དཔྱད་བྱེད་དགོས་པའི་ཡི་གེ་ཞིག་ཁྱེད་རང་ལ་ NSW Heath ནས་འབྱོར་ཡོད་རེད།
འདི་ནི་ཁྱེད་རང་གི་ཐོངས་མཆན་ཝི་ས་དང་འབྲེལ་བའི་འཕྲོད་བསྟེན་བརྟག་དཔྱད་ཀྱི་ཆ་ཤས་ཤིག་ཡིན། འདི་ལ་འཕྲོད་བསྟེན་གྱི་འགན་འཁྲི་ཟེར་ཞིང་། བརྟག་དཔྱད་འདི་ Department of Home Affairs (ནང་སྲིད་ལྷན་ཁང་) ལ་ངེས་པར་དགོས་པ་ཞིག་རེད།
མཆིན་པའི་གཉན་ཚད་དེ་རྒྱལ་ཁབ་མང་པོའི་ནང་རྒྱུན་ལྡན་ཡིན་རུང་ཨོ་སི་ཊོ་ལི་ཡའི་ནང་རྒྱུན་ལྡན་མིན་པས་བརྟག་དཔྱད་འདི་གལ་ཆེན་རེད། ཁྱེད་རང་བདེ་ཐང་ཡིན་རུང་བརྟག་དཔྱད་འདི་བྱེད་དགོས། མཆིན་པའི་གཉན་ཚད་ཁ་པའམ་ག་པ་ཡོད་པའི་མི་མང་པོར་ནད་རྟགས་གང་ཡང་མེད། འོན་ཀྱང་དུས་ཚོད་རིམ་སོང་གིས་ནད་དུག་འདིས་མཆིན་པ་འཕྲོ་བརླག་གཏོང་བ་དང་འབྲས་ནད་བཟོ་སྲིད།
མཆིན་པའི་གཉན་ཚད་ཁ་པ་དང་ག་པའི་སྐོར་གནས་ཚུལ་རྒྱས་པ་གཤམ་གསལ་དྲ་རྒྱ་ནས་ཐོབ་ཐུབ།
བརྟག་དཔྱད་བྱས་པ་ལ་བརྟེན་ནས་སྨན་པས་ཁྱེད་རང་ལ་མཆིན་པའི་གཉན་ཚད་ཁ་པའམ་ག་པ་ཡོད་མེད་དང་། དགོས་གལ་ཡོད་ཚེ་སྨན་བཅོས་ག་རེ་བྱེད་དགོས་མིན་གྱི་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ།
འཕྲོད་བསྟེན་ཐོངས་མཆན་གྱི་བརྟག་དཔྱད་བྱེད་པར་ངེས་པར་གཤམ་གསལ་ལྟར་བྱེད་དགོས།
སྨན་པ་འཚོལ་རྒྱུའི་ཐད་རོགས་རམ་དགོས་ན། འཕྲོད་བསྟེན་ཞབས་ཞུ་འཚོལ་སའི་དྲ་རྒྱ་འདི་ལ་ Health Direct Service Finder སོང་ནས་སྤྱི་ཁྱབ་སྨན་པ་ (GP)འཚོལ་བའམ། ཨང་གྲངས་1800 022 222 འདི་ལ་ཁ་པར་ཐོངས།
སྐད་སྒྱུར་དགོས་ན་ཨང་གྲངས་ 131 450 ལ་ཁ་པར་གཏོང་བའམ། གཤམ་གསལ་ཡིག་སྒྱུར་དང་སྐད་སྒྱུར་ཞབས་ཞུའི་དྲ་རྒྱར་ཕེབས།
ཁྱེད་རང་གི་ཐོངས་མཆན་ནམ་གཞིས་སྤོའི་དོན་གནད་ཐད་དྲི་བ་ཡོད་ཚེ། ནང་སྲིད་ལྷན་ཁང་ལ་འབྲེལ་གཏུགས་གནང་།